• 轮换广告01
  • 轮换广告01
  • 轮换广告03
  • 广告图片xxx

ལས་ཁུངས་ངོ་སྤྲོད།


སྡེ་དགེ་རྫོང་སར་བློ་གྲོས་བོད་སྨན་ཞིབ་འཇུག་ཁང་ནི། ༢༠༡༢ལོའི་ཟླ༩བའི་ནང་དཀར་མཛེས་ཁུལ་སྡེ་དགེ་རྫོང་དུ་ཐོ་འགོད་བྱས་པ་ཡིན། དེ་ནི་བོད་སྨན་ཞིབ་འཇུག་བྱེད་སའི་དམངས་གཉེར་ལས་ཁུངས་ཤིག་ཡིན། ལས་ཁུངས་དེ་རུ་བོད་སྨན་ཆེད་མཁས་པ་དང་། ཁྲིན་ཏུས་ཀྲུང་སྨན་སློབ་གྲྭ་ཆེན་མོའི་ཆེད་མཁས་པ་བཅས་མི་༡༠ལྷག་ཡོད།  ཞིབ་འཇུག་ཁང་ནི་བོད་ལུགས་གསོ་རིག་རྒྱུད་འཛིན་དར་སྤེལ། བོད་སྨན་ཚན་རིག་ཞིབ་འཇུག ནད་ཀྱི་བཅོས་ཐབས་དེང་རབ་ཕུལ་བྱུང་གི་ལག་རྩལ་དང་ཟུང་དུ་འབྲེལ་ནས་གསར་གཏོད་བཅས་དམིགས་སུ་བཟུང་ནས་བོད་སྨན་ཐོན་ལས་གོང་འཕེལ་བཏོང་བ་ལ་ཤེས་རིག་ལག་རྩལ་གྱི་གཞི་རྩ་གཙོར་གཟུང་ལས་ཁུངས་ཡིན།      


1) བོད་སྨན་རིག་གཞུང་རྒྱུན་འཛིན། བོད་སྨན་གནའ་དཔེ་འཚོལ་བསྡུ་དང་སྒྲིག་སྦྱོར་བྱེད་འཆར།

རྫོང་སར་བོད་སྨན་ཁང་གི་སྔོན་གྱི་བོད་སྨན་གཞུང་ལུགས་སྐོར་ཡིག་ཆ་འཚོལ་བསྡུ་དང་སྒྲིག་སྦྱོར་གྱི་རྨང་གཞིའི་ཐོག་མུ་མཐོད་《རྒྱུད་བཞི》རྩ་བར་འཛིན་ནས་མཁས་དབང་གཞན་གྱི་རྩོམ་ཆོས་དང་ཟིན་བྲིས་དང་དཔྱད་གཞིའི་ཡིག་ཆ་རྣམས་བསྡུ་སྒྲིག  །སྨན་རྩྭའི་དཔེ་རིས་བསྡུ་སྒྲིག་དང་གསལ་བཤད་། སྨན་གྱི་རོ་བཀྲ་དཔེ་རིས་སོགས་བོད་སྨན་དེང་རབ་ལུགས་སུ་འཐུས་ཚང་། སྨན་རྩྭའི་ནུས་པ་འཛམ་གླིང་གཅིག་གྱུར་གྱི་ཚད་གཞི་ལྟར་སྒྲིག་རྒྱུ། སྦྱོར་ཚད། བཟོ་ལུགས་ཀྱི་རིམ་པ་སོགས་ཚད་ལྡན་གྱི་དཔུས་ཚད་ལ་ཚད་གཞི་གཅིག་འགྱུར་བཟོ་རྒྱུ།                  


2)མཐོ་སྒང་གི་རི་སྐྱེས་སྨན་རྩྭ་སྲུང་སྐྱོབ་དང་འདེབས་འཛུགས་ལག་རྩལ་ཞིབ་འཇུག

༢༠༠༤ནས་༢༠༡༠ལོའི་བར་རྫོང་སར་བོད་སྨན་ཁང་གིས་ཡུན་ནན་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དང་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་བཅས་དང་མཉམ་ལས་ཀྱིས་སྡེ་དགེ་སྨད་ཤོད་ས་ཁུལ་གྱི་རྩྭ་སྨན་རྩ་ཆེན་རིགས་༡༤ལ་འདེབས་འཛུགས་ཀྱི་ཚོད་ལྟ་བྱས་ཡོད། རྩྭ་སྨན་རྩ་ཆེན་རིགས་གསུམ་གྱི་འདེབས་འཛུགས་ལག་རྩལ་ཕལ་ཆེར་དོན་སྨིན་བྱུང་། དེ་མིན་གྲོང་གསེབ་སྨན་པ་དག་ལ་སྨན་རྩྭ་ངོས་འཛིན་དང་སྨན་རྩྭ་འདེབས་འཛུགས་ཀྱི་ལག་རྩལ་དང་ཐབས་ཤེས་ཟབ་སྦྱོང་བྱས་། ཁྱད་པར་རྗེས་སུ་སྨན་རྩྭ་འདེབས་འཛུགས་ཀྱི་ལག་རྩལ་གཙོ་གནད་དུ་བཟུང་ནས་ལས་གཞི་མུ་མཐུད་སྤེལ་རྒྱུ་ཡིན།


3)བོད་སྨན། ཧྲོབ་སྨན། ཟས་རིགས། འཚོ་བཅུད་ཟས་མཆོག་ཐོན་རྫས་བཅས་ཀྱི་ཞིབ་འཇུག


(1)བོད་སྨན།བོད་ཀྱི་སྲོལ་རྒྱུན་སྨན་བཟོའི་ལག་རྩལ་དང་དེང་རབས་སྨན་གཞུང་ཚན་རྩལ་ཟུང་འབྲེལ་གྱིས་ཕུར་བྱུང་གི་སྨན་གསར་བཟོ་བྱེད།

(2)ཧྲོབ་སྨན།སྨན་ཧྲོབ་སོ་སོའི་ཕན་ནུས་ཀྱི་ཁྱད་ཆོས་རྩལ་འདོན།

(3)ཟས་རིགས།མཐོ་སྒང་དྭངས་གཙང་གི་ཐོན་ཁུངས་བེད་སྤྱོད་ནས་རྫས་འགྱུར་གྱི་མ་སླད་པའི་ཟས་རིགས་གསར་བཟོ།

(4)འཚོ་བཅུད་ཟས་མཆོག་ཐོན་རྫས། རྒྱ་བོད་གཉིས་ཀྱི་སྨན་གཞུང་དག་གི་ཁྱད་ཆོས་ལ་གཞིག་ནས་ལུས་ཁམས་གསོ་བ་དང་སྲུང་བའི་ཐོན་རྫས་གསར་བཟོ་བྱེད།


4)བོད་གྱི་སྨན་བཅོས་དང་ཚན་རིག་ཞིབ་འཇུག་གིས་སྤྱི་ཚོགས་ལ་དགེ་ཕན་བསྒྲུབ།


(1)བོད་སྨན་དྲིས་ལེན་དང་ལག་རྩལ་གྱིས་ཞབས་འདེགས་ཞུ་རྒྱུ།

(2) བོད་སྨན་གྱི་དབང་ལུང་གི་བརྒྱུད་པ་མུ་འཐུད་ནས་འཛིན་སྐྱོང་བྱེད་རྒྱུ།

(3) བོད་ཁུལ་གྲོང་གསེབ་དག་ལ་དགེ་རྩའི་བྱ་བ་སྤེལ་བ་བཅས་བྱེད།


བོད་སྨན་སྤྱིའི་ལོ་རྒྱུས་ངོ་སྤྲོད།

ཕྱག་འདེབས་མཁན་ངོ་སྤྲོད།